Gampopa - Jewel Ornament Of Liberation  - Part 27


ནིསངས་རྒྱསསྒྲུབ་པའི་ཐབསམི་ཤེས་པི་གཉེན་པོར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པི་ཆོས་རྣམསབཤད་པར་བྱསྟེསྡོམནི 

རྟེནདངངོ་བོདབྱེ་བདང༌། །

དམིགས་པརྒྱུདང་བཡུལདང༌། །

ཆོ་གཕན་ཡོནཉེས་དམིགསདང༌། །

ཆོརྒྱུ་བཐབསབསླབ་བྱསྟེ། །

བཅུདངགཉིས་པོའདི་དགགིས། །

བྱང་ཆུབ་མཆོགགིསེམས་བསྐྱེདབསྡུས། །ཞེས་པའོ། །

དེ་ལདང་པོབྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པི་རྟེན་གྱི་གང་ཟགནིཐེག་པ་ཆེན་པོའི་རིགསདང་ལྡན་པདང༌། དཀོན་མཆོག་གསུམསྐྱབས་སུ་སོང་བདང༌། སོ་སོར་ཐར་པའི་སྡོམ་པརིསབདུནགང་རུངགཅིགདང་ལྡན་པདང༌། སྨོན་པའི་སེམས་བསྐྱེད་པ་རྣམསནིའཇུག་པི་སེམས་བསྐྱེདཀྱིརྟེནཡིན་ལདཀོན་མཆོག་གསུམསྐྱབས་སུ་སོང་བམན་ཆདདང་ལྡན་པནིསྨོན་པའི་སེམས་བསྐྱེདཀྱིརྟེན་གྱི་གང་ཟགཡིན་ནོ། 

དེ་ཅིའི་ཕྱིར་ཞེ་ནའཇུག་པབསྐྱེད་པསྨོན་པསྔོན་དུའགྲོདགོས་པ་བཆུབསེམས་དཔའི་ས་ལབཤད་པདང༌། སྨོན་པི་སྔོན་དུསྐྱབས་འགྲོདགོས་པ་བཆུབལམ་སྒྲོནལསབཤད་པདང༌། ཡངའཇུག་པི་རྟེནདུསོ་སོར་ཐར་པའི་སྡོམ་པདགོས་པ་བཆུབལམ་སྒྲོནལསབཤད་པདང༌། སོ་སོར་ཐར་པའི་སྡོམ་པལེན་པལ་ཡང༌། སྐྱབས་འགྲོདགོས་པཆོས་མངོན་པ་མཛོདལསབཤད་པདང༌། ཐེག་པ་ཆེན་པོའི་རིགསམེད་པརབྱང་ཆུབ་མཆོགཏུསེམས་བསྐྱེདཀྱངམི་སྐྱེབརབྱང་ཆུབ་སེམས་དཔའི་ས་ལབཤད་པསྟེདེས་ནདེ་དག་ཐམས་ཅདའབྲེལཞིངཚོགསདགོསསོ། །

དེ་ལདང་པོབཤད་ནསྤྱིརཐེག་པ་ཆེན་པོའི་རིགསཡོད་པབྱེ་བྲག་ཏུརིགས་སད་པཞིགདགོསཏེརྒྱས་པགོང་དུ་བསྟན་པབཞིནཤེས་པར་བྱའོ། །

དོན་གཉིས་པ་སྐྱབས་འགྲོབཤད་ནསྐྱབས་སུ་འགྲོའདི་ཡངའཇིག་རྟེནགྱིདྲག་རྩལ་ཅནཚངས་པདང༌། ཁྱབ་འཇུགདང༌། མ་ཧཱདེལ་སོགས་པརངརང་གིཡུལགྱིརིབྲགགམམཚོལྗོནཤིངལ་སོགས་པལ་གནས་པའི་ཀླུམཐོུ་ཆེརྣམསསྐྱབས་སུ་འགྲོ་བ་བའམཞེ་ནདེཀུནགྱིསཀྱངསྐྱབསམི་ཐུབཔསསྐྱབས་གནསམ་ཡིནཏེཇི་སྐདདུམདོལསའཇིག་རྟེནརྣམསནིརིདངནི། །ནགདངནིམཆོད་གནསཀྱི། །ཀུན་དགའདངནིརྡོདང༌། །ལྗོནཤིངལྷསྐྱབས་འགྲོ། །སྐྱབསདེགཙོ་བོམ་ཡིནཞིང༌། །ཞེས་གསུངས་སོ། །

འོ་ནཕ་མགཉིསདངགཉེནགྲོགསལ་སོགས་པརང་ལབརྩེཞིངཕན་པདགའ་བརྣམསསྐྱབས་སུ་འགྲོཞེ་ནདེསཀྱངསྐྱབསམི་ཐུབསྟེའཇམ་དཔལ་རྣམ་པར་རོལ་པའི་མདོལསཕ་མཁྱོདཀྱིསྐྱབསམ་ཡིན། །མཛའ་བཤེསརྩལགརྣམསཀྱངམིན། །དེ་དག་གིསནིཁྱོདབོརནས། །ཇི་ལྟརའདོད་པབཞིན་དུའགྲོ། །ཞེས་གསུངས་སོ། །དེཀུནགྱིསསྐྱབསསུམི་ཐུབ་པ་ཅིི་ཕྱིརཞེ་ནསྐྱབསཐུབ་པནིཁོ་རངའཇིགས་པལསཐརསྡུག་བསྔལ་མེད་པཞིགདགོསཏེདེཀུན་ཀྱངའཇིགས་པལསཐརཞིང༌། སྡུག་བསྔལདང་བཅས་པི་ཕྱིརརོ། །

དེས་ནསྡུག་བསྔལལསགཏནདུཐར་པསངས་རྒྱསལསམེདསངས་རྒྱསསྒྲུབ་པི་ལམཆོསལསམེདཆོསབྱེད་པི་གྲོགས་པོདགེ་འདུནལསམེད་པཁོངགསུམསྐྱབས་སུ་འགྲོ་བ་བྱའོ། །དེ་ལྟར་ཡང༌། འཇིགསགྱུརའཇིགས་པསེལམཛདཅིང༌། །སྐྱབས་མེདསྐྱོབ་པི་སངས་རྒྱསདང༌། །ཆོསདངཚོགསམཆོགདགེ་འདུན། །དེརིངསྐྱབས་སུ་འགྲོ་བགྱིས། །ཞེས་གསུངས་སོ། །

འོ་ནཁོངསྐྱོབ་པི་ནུས་པམངའཡང༌། བདག་གིསསྐྱབསསུཕྱིན་པ་སྐྱངེསསམསྙམཐེ་ཚོམམིསྟེམདོ་སྡེམྱ་ངན་འདསཆེནལསདཀོན་མཆོག་གསུམསྐྱབསསོང་བ། །འཇིགས་པམེད་པཐོབ་པར་འགྱུར། །ཞེས་གསུངས་སོ། །དེས་ནདེགསུམསྐྱབས་སུ་འགྲོ་བའཆད་པསྡོམནི 

དབྱེ་བརྟེནདངཡུལདང་དུ། །

བསམ་པཆོ་གབྱེད་པི་ལས། །

བསླབ་བྱདངནིཕན་ཡོནཏེ། །

དོན་རྣམདགུཡིསསྐྱབས་འགྲོབསྡུས། །ཞེས་པའོ། །

དེ་ལདང་པོསྐྱབས་འགྲོི་དབྱེ་བནིགཉིསཏེཐུན་མོངགིསྐྱབས་འགྲོདངཁྱད་པརགྱིསྐྱབས་འགྲོའོ། །རྟེན་གྱི་གང་ཟགལ་ཡངགཉིསལས 

ཐུན་མོངབའིརྟེན་གྱི་གང་ཟགནིའཁོར་བའི་སྡུག་བསྔལགྱིསའཇིགསཤིང༌། དཀོན་མཆོག་གསུམལྷའཛིན་པརྣམསསོ། །ཁྱད་པར་ཅནགྱིརྟེན་གྱི་གང་ཟགནིཐེག་པ་ཆེན་པོའི་རིགསཅནལྷམིི་ལུསརྣམ་པར་དག་པཐོབ་པརྣམསསོ། །

ཡུལལ་ཡངགཉིསལསཐུན་མོངབའིཡུལའཆད་པསངས་རྒྱསདཀོན་མཆོགནིསྤངས་པདང༌། ཡེ་ཤེསདང༌། ཆེ་བི་བདག་ཉིདཕུན་སུམ་ཚོགས་པདང་ལྡན་པི་སངས་རྒྱསབཅོམ་ལྡན་འདསསོ། །

ཆོསདཀོན་མཆོགལ་ཡངགཉིསལསབསྟན་པའི་ཆོསནིགསུང་རབ་ཡན་ལག་བཅུ་གཉིསསོ། །རྟོགས་པའི་ཆོསནིལམ་གྱི་བདེན་པདང༌། འགོག་པའི་བདེན་པའོ། །

དགེ་འདུནདཀོན་མཆོགགཉིསལསསོ་སོ་སྐྱེ་བོི་དགེ་འདུནནིདགེ་སློངརྣམ་པར་དག་པབཞིཡན་ཆདཚོགས་པཡིན་ལའཕགས་པའི་དགེ་འདུནནིསྐྱེས་བུཟུངབཞིགང་ཟགབརྒྱད་པོ་དགགོ 

ཁྱད་པརགྱིཡུལནིམདུན་ནབཞུགས་པི་ཡུལདང༌། མངོན་པརརྟོགས་པི་ཡུལདང༌། དེ་ཁོ་ན་ཉིདཀྱིཡུལདངགསུམམོ། །དེ་ལམདུན་ནབཞུགས་པི་ཡུལནིསངས་རྒྱསནིདེ་བཞིན་གཤེགས་པི་སྐུགཟུགསཆོསནིཐེག་པ་ཆེན་པོི་པོ་ཏིདགེ་འདུནནིབྱང་ཆུབ་སེམས་དཔའི་དགེ་འདུནམངོན་པརརྟོགས་པི་ཡུལནིསངས་རྒྱས་སྐུ་གསུམགྱིབདག་ཉིད་ཅནནོ། །ཆོསནིདམ་པའི་ཆོསཞི་བདངམྱ་ངན་ལས་འདས་པའོ། །དགེ་འདུནནིས་ཆེན་པོལ་གནས་པའི་ྱང་ཆུབ་སེམས་དཔའ་འོ། །དེ་ཁོ་ན་ཉིདཀྱིཡུལགྱིདབང་དུ་བྱས་ནསྐྱབས་སུ་འགྲོ་བི་ཡུལནིསངས་རྒྱསཉགཅིགཡིན་ནོ། །དེ་ལྟར་ཡངཐེག་པ་ཆེན་པོརྒྱུད་བླ་མལསདམ་པི་དོན་དུའགྲོ་བཡི། །སྐྱབསནིསངས་རྒྱསཉགཅིགཡིན། །ཞེས་གསུངས་སོ། །འོ་ནསངས་རྒྱསཀྱིསགཏནགྱིསྐྱབསཐུབ་པཅིི་ཕྱིརཞེ་ནཐུབ་པཆོས་ཀྱི་སྐུཅནཕྱིར། །ཚོགསཀྱངདེཡིམཐར་ཐུགཕྱིར། །ཞེསགསུངས་ཏེཐུབ་པརྣམསསྐྱེ་འགགམེད་པརྣམ་པར་བྱང་བའདོད་ཆགས་དང་བྲལ་བསྟེཆོས་ཀྱི་སྐུཅནཡིན་པི་ཕྱིར་ནཡངདམ་པི་སྐྱབསཡིན་ལཐེག་པ་གསུམགྱིཚོགསཀྱངཆོས་སྐུརྣམ་པར་དག་པམཐར་ཐུག་པ་ཐོབ་པམཐར་ཕྱིན་པའགྱུར་བི་ཕྱིརདམ་པི་སྐྱབསཡིན་ནོ། །