Gampopa - Jewel Ornament Of Liberation  - Part 7


རྐྱེནནིདགེ་བའི་བཤེས་གཉེནཡིན། །ཞེས་པདེ་ལྟརརྟེནཕུན་སུམ་ཚོགས་པདང་ལྡནཡང༌། རྐྱེནདགེ་བའི་བཤེས་གཉེནགྱིསབསྐུལསྔརགྱིབྱ་བངན་པགོམསཤིང༌། བག་ཆགསབར་པའི་ྟོབས་ཀྱིསབྱང་ཆུབཀྱིལམལ་འཇུག་པདཀའོ། །དེས་ནདགེ་བའི་བཤེས་གཉེནབསྟེན་པ་བྱ་སྟེསྡོམནི 

འཐད་པདངནིདབྱེ་བདང༌། །

ཕྱེ་བསོ་སོི་མཚན་ཉིདདང༌། །

བསྟེན་པི་ཐབསདངཕན་ཡོནཏེ། །

ལྔཡིསབཤེས་གཉེནབསྟེན་པ་བསྡུས། །ཞེས་པའོ། །

དེ་ལདང་པོདགེ་བའི་བཤེས་གཉེནབསྟེནདགོས་པི་འཐད་པནིགསུམསྟེལུངདང༌། རིགས་པདང༌། དཔེའོ། །དེ་ལལུངནིའཕགས་པསྡུད་པལསསློབ་མབཟང་པོ་བླམརགུསལྡནདེ་དག་གིས། །བླ་མམཁས་པདགརྟག་ཏུབསྟེན་པ་བྱ། །ཅིི་ཕྱིརཞེ་ནམཁས་པི་ཡོན་ཏནདེ་ལསའབྱུང༌། །ཞེས་གསུངས་སོ། །འཕགས་པབརྒྱད་སྟོང་པ་ལས་ཀྱང༌། འདི་ལྟརབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབམངོན་པར་རྫོགས་པའཚང་རྒྱབརའདོད་པདང་པོཉིད་དུདགེ་བའི་བཤེས་གཉེནདགལ་བྟེན་པར་བྱབསྙེན་པ་བྱ། བསྙེན་བཀུརབརབྱའོ། །ཞེས་གསུངས་སོ། །

རིགས་པནིཐམས་ཅད་མཁྱེན་པཐོབ་པའདོད་པི་གང་ཟགདེཆོས་ཅནཁྱོདཀྱིསདགེ་བའི་བཤེས་གཉེནབསྟེནདགོས་པདམ་བཅའརང་ཉིདཀྱིསཚོགསགསོག་པདང༌། སྒྲིབ་པསྦྱོངམི་ཤེས་པི་ཕྱིརཞེས་པནིགཏན་ཚིགསསོ། །མཐུན་པི་དཔེདུས་གསུམགྱིསངས་རྒྱསབཞིནནོ། །བཟློག་པི་དཔེརང་སངས་རྒྱསབཞིནནོ། །དེའིདོནབཤད་ནབདག་ཅགརྫོགས་པའི་སངས་རྒྱསཐོབ་པ་བྱེ་པ་ལ་བནམདངཡེ་ཤེསཀྱིསབསྡུས་པི་ཚོགསཐམས་ཅདགསོགདགོསཤིང༌། དེགསོག་པི་ཐབསདགེ་བའི་བཤེས་གཉེནརག་ལས་པི་ཕྱིརདང༌། ཉོན་མོངས་པདང༌། ཤེས་བྱབསྡུས་པི་སྒྲིབ་པཐམས་ཅདསྤོངདགོསདེསྤོང་བི་ཐབསདགེ་བའི་བཤེས་གཉེནརགལུས་པི་ཕྱིརརོ། །

དཔེནིདགེ་བའི་བཤེས་གཉེནནིལམརྒྱུསམེདའགྲོདུས་ཀྱིལམམཁནལྟ་བུའཇིགས་པི་ས་ཕྱོགསའགྲོདུས་ཀྱིསྐྱེལལྟ་བུཆུ་བོཆེན་པོལ་བྒལདུས་ཀྱིམཉན་པལྟ་བུཡིན་ནོ། །དེ་ལདཔེདང་པོབཤད་ནལམརྒྱུསམེདའགྲོ་བི་ཚེལམམཁནམེད་ནལམནོརདོགསདང༌། གོལདོགསདང༌། འར་ོགསཡོདདོ། །ལམམཁནདངའགྲོགསལམནོརདོགསདང༌། གོལདོགསདང༌། འར་ོགསམེདདེགོམ་པཆུད་པར་བྡེགསསརཕྱིན་པའགྱུརརོ། །དེ་བཞིན་དུབླ་ན་མེད་པི་བྱང་ཆུབཀྱིལམ་ལ་ཞུགསནསརྫོགས་པའི་སངས་རྒྱསཀྱིསརའགྲོ་བལམམཁནདང་འདྲ་བི་ཐེག་པ་ཆེན་པོི་དགེ་བའི་བཤེས་གཉེནམེད་ནགལ་ཏེམུ་སྟེགས་པའི་དུནོརདོགསཡོདགལ་ཏེཉན་ཐོསཀྱིལམདུགོལདོགསཡོདགལ་ཏེརང་སངས་རྒྱསཀྱིལམདུ་འར་ོགསཡོདལམམཁནདང་འདྲ་བི་དགེ་བའི་བཤེས་གཉེནདངའགྲོགསལམནོརདོགསདང༌། གོལདོགསདང༌། འར་ོགསམེད་པརཐམས་ཅད་མཁྱེན་པི་གྲོང་ཁྱེརདུཕྱིན་པའགྱུརརོ། །དེ་ལྟར་ཡངདཔལའབྱུངགིརྣམ་ཐརལསདགེ་བའི་བཤེས་གཉེནནིཕ་རོལ་ཏུ་ཕྱིན་པི་ལམདུའཛུད་པའི་མཁནལྟ་བུའོ། །ཞེས་གསུངས་སོ། །