Gampopa - Jewel Ornament Of Liberation -  Part 46


འཇུག་པབྱང་ཆུབཏུསེམས་བསྐྱེད་པི་བསླབ་བྱནིརྣམ་པ་གསུམཡིནཏེལྷག་པཚུལ་ཁྲིམསཀྱིབསླབ་པདང༌། ལྷག་པསེམས་ཀྱིབསླབ་པདང༌། ལྷག་པཤེས་རབཀྱིབསླབ་པའོ། །དེ་ལྟར་ཡངབྱང་ཆུབ་ལམ་སྒྲོནལསའཇུག་པི་སེམས་ཀྱིབདག་ཉིདསྡོམགནས་པ། །ཚུལ་ཁྲིམསབསླབ་པ་གསུམལེགསབསླབནས། །ཚུལ་ཁྲིམསབསླབ་པ་གསུམགུསཆེརའགྱུར། །ཞེས་གསུངས་སོ། །

དེ་ལལྷག་པཚུལ་ཁྲིམསཀྱིབསླབ་པནིསྦྱིན་པདང༌། ཚུལ་ཁྲིམསདང༌། བཟོད་པདངགསུམཡིན་ནོ། །ལྷག་པསེམས་ཀྱིབསླབ་པནིབསམ་གཏནཡིན་ནོ། །ལྷག་པཤེས་རབཀྱིབསླབ་པནིཤེས་རབཡིན་ནོ། །བརྩོན་འགྲུསནིགསུམཆརགྱིགྲོགསཡིན་ནོ། །དེ་ལྟར་ཡངམདོ་སྡེ་རྒྱནལསབསླབགསུམདབང་དུམཛདནསནི། །རྒྱལ་བཕ་རོལ་ཕྱིན་པ་དྲུགཡང་དགབཤདདེ་དངཔོགསུམ། །ཐ་མགཉིས་ཀྱིརྣམ་པ་གཉིས། །གཅིགནིགསུམཆརལ་ཡངགཏོགས། །ཞེས་གསུངས་སོ། །དེའི་ཕྱིར་ནསྡོམནི 

སྦྱིནདངཚུལ་ཁྲིམསབཟོད་པདང༌། །

བརྩོན་འགྲུསབསམ་གཏནཤེས་རབསྟེ། །

དེ་ལྟརརྣམ་པདྲུག་པོའདིས། །

འཇུག་པི་སེམས་བསྐྱེདབསླབ་བྱབསྡུས། །ཞེས་པའོ། །

ལགབཟངཀྱིསཞུས་པི་མདོལས་ཀྱང༌། ལགབཟངབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོམྱུར་དུམངོན་པར་རྫོགས་པར་བྱང་ཆུབ་པ་བྱ་བའིཕྱིརཕ་རོལ་ཏུ་ཕྱིན་པ་དྲུགཔོའདི་དགརྟག་པརརྒྱུན་དུཡོངས་སུ་རྫོགས་པ་བྱའོ། །དྲུགགང་ཞེ་ནའདི་ལྟ་སྟེསྦྱིན་པི་ཕ་རོལ་ཏུ་ཕྱིན་པདང༌། ཚུལ་ཁྲིམསཀྱིཕ་རོལ་ཏུ་ཕྱིན་པདང༌། བཟོད་པི་ཕ་རོལ་ཏུ་ཕྱིན་པདང༌། བརྩོན་འགྲུསཀྱིཕ་རོལ་ཏུ་ཕྱིན་པདང༌། བསམ་གཏནགྱིཕ་རོལ་ཏུ་ཕྱིན་པདང༌། དྲུག་པཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པསྟེཞེས་གསུངས་སོ། །

ཕ་རོལ་ཏུ་ཕྱིན་པ་དྲུགཔོའདི་དགཀྱངབསྡུས་དོནརྣམ་པར་གཞག་པདང༌། ཡན་ལགརྒྱས་པར་བཤད་པགཉིས་ཀྱིཤེས་པར་བྱའོ། །དང་པོབསྡུས་དོནརྣམ་པར་གཞག་པསྡོམནི 

གྲངསངེསགོརིམངེས་པདང༌། །

མཚན་ཉིདདངནིངེསཚིགདང༌། །

རབ་ཏུདབྱེདང་བྡུ་སྟེ། །

དྲུགགིསཕ་རོལ་ཕྱིནདྲུགབསྡུས། །ཞེས་པའོ། །

དེ་ལཕ་རོལ་ཏུ་ཕྱིན་པ་དྲུགཏུགྲངསངེས་པནིམངོན་མཐོདངངེསལེགསཀྱིདབང་དུ་བྱས་པ་སྟེམངོན་མཐོི་དོནགསུམདང༌། ངེསལེགསཀྱིདོནགསུམམོ། །དེ་ལམངོན་མཐོི་དོནགསུམནིལོངས་སྤྱོདཀྱིདོན་དུསྦྱིན་པའོ། །ལུསཀྱིདོན་དུཚུལ་ཁྲིམསསོ། །འཁོརགྱིདོན་དུབཟོད་པའོ། །ངེསལེགསཀྱིདོནགསུམནིཡོན་ཏནའཕེལ་བ་བྱེ་པའི་ོན་དུབརྩོན་འགྲུསསོ། །ཞི་གནསཀྱིདོན་དུབསམ་གཏནནོ། །ལྷག་མཐོངགིདོན་དུཤེས་རབོ། །དེ་ལྟར་ཡངམདོ་སྡེ་རྒྱནལསལོངས་སྤྱོདདངལུསཕུན་སུམ་ཚོགས་པདང༌། །འཁོརནིཕུན་སུམ་ཚོགས་པམངོན་མཐོདང༌། །ཞེས་པལ་སོགས་པགསུངསསོ། །

གོརིམངེས་པནིརྒྱུདསྐྱེ་བི་གོརིམསྟེསྦྱིན་པ་ལངས་སྤྱོདམིབལྟ་བརཚུལ་ཁྲིམསཡང་དག་པརལེནནོ། །ཚུལ་ཁྲིམསདང་ལྡནབཟོད་པའགྱུརརོ། །བཟོད་པདང་ལྡན་པབརྩོན་འགྲུསརྩོམནུསསོ། །བརྩོན་འགྲུསབརྩམསཏིང་ངེ་འཛིནསྐྱེ་བའགྱུརརོ། །ཏིང་ངེ་འཛིནམཉམ་པར་བཞགན་ཡངདག་པཇི་ལྟ་བབཞིན་དུརབ་ཏུཤེསསོ། །ཡང་ནདམན་པདངམཆོག་གིགོརིམསྟེགངདམན་པནིསྔོན་དུབསྟནམཆོག་ཏུགནས་པནིཕྱིསབསྟན་པའོ། །ཡང་ནཕྲ་བདངརགས་པི་གོརིམསྟེགངརགསརགསསུགྱུར་པའཇུགསླསླནིསྔོན་དུབསྟནགངཕྲཕྲགྱུར་པའཇུགདཀའདཀའནིཕྱིསབསྟན་པའོ། །དེ་ལྟར་ཡངམདོ་སྡེ་རྒྱནལསསྔལ་བརྟེནཕྱི་མསྐྱེ། །དམནདངམཆོག་ཏུགནསཕྱིརདང༌། །རགས་པདངནིཕྲ་བི་ཕྱིར། །དེ་དགརིམ་པ་གནས་པ་ཡིན། །ཞེས་གསུངས་སོ། །