Gampopa - Jewel Ornament Of Liberation  - Part 60


གསུམ་པཆོསངེས་པསེམས་པམོས་པི་བཟོད་པ ནིབྱངས་ལདཀོན་མཆོགགིཡོན་ཏནལ་སོགས་པགནསབརྒྱདམོས་པཡིན་པགསུངསསོ། །ཡངདེ་ཁོ་ན་ཉིད་ཀྱི་དོནབདགརྣམ་པ་གཉིསཀྱིསསྟོང་པི་རང་བཞིནམོསཤིངབཟོད་པའོ། །

བཟོད་པསྤེལནིཡེ་ཤེསདང༌། ཤེས་རབདང༌། བསྔོ་བགསུམགྱིསསྤེལསྟེགོང་དུ་བསྟན་པལྟརརོ། །

བཟོད་པདག་པ་བྱེ་པ་ནིསྟོང་པདང༌། སྙིང་རྗེཟིན་པསྟེགོང་དུ་བསྟན་པལྟརརོ། །

བཟོད་པི་འབྲས་བུནིམཐར་ཐུགདངགནས་སྐབསགཉིས་སུཤེས་པར་བྱའོ། །དེ་ལམཐར་ཐུགནིབླ་ན་མེད་པི་བྱང་ཆུབཐོབསྟེདེ་ལྟར་ཡངབྱངས་ལབཟོད་པརྒྱ་ཆེཞིངཚད་མེདལ་བཆུབཆེན་པོི་འབྲས་བུའབྱུང་བའདི་དགལ་བརྟེནབྱང་ཆུབ་སེམས་དཔའབླ་ན་མེད་པཡང་དག་པརརྫོགས་པའཚང་རྒྱབརའགྱུརརོ། །ཞེས་གསུངས་སོ། །གནས་སྐབསསུནིདེ་ལདམིགསཀྱང༌། ཚེ་རབསཐམས་ཅད་དུགཟུགསམཛེས་པདང༌། ནད་མེད་པདང༌། སྙན་གྲགསདང༌། ཚེ་རིངདང༌། འཁོར་ལོསྒྱུར་བི་རྒྱལསྲིདཐོབོ། །དེ་ལྟར་ཡངསྤྱོད་འཇུགལསའཁོརཚེབཟོད་པམཛེསསོགསདང༌། །ནད་མེད་པདངགྲགས་པཡིས། །ཤིན་ཏུཡུན་རིངའཚོ་བདང༌། །འཁོར་ལོསྒྱུར་བི་བདེརྒྱསཐོབ། །ཅེས་གསུངས་སོ། །

དམ་ཆོསཡིད་བཞིན་གྱི་ནོར་བུཐར་པརིན་པོ་ཆེའི་རྒྱནལསབཟོད་པི་ཕ་རོལ་ཏུ་ཕྱིན་པི་ལེའུསྟེབཅུ་བཞི་པའོ།། །།