Vasubandhu - Abhidharmakoshakarika  - Part 8 


ལསསམཡེ་ཤེསསམགཉིས་ཀརྒྱ་ཆེི་ཕྱིར་ནགོརིམ་བཞིན། ། བདག་མེདཕུང་པོཙམ་ཉིདདོ། ། ཉོན་མོངསལས་ཀྱིམངོནའདུས་བྱས། ། སྲིད་པབར་མི་རྒྱུན་གྱིས། ། མར་མེབཞིན་དུམངལདུའགྲོ། ། ཇི་ལྟརའཕངསབཞིནརིམ་གྱིསརྒྱུན། ། སྐྱེས་ནསལསདངཉོན་མོངསཀྱིས། ། འཇིག་རྟེན་ཕ་རོལདགཏུའགྲོ། ། སྲིད་པའིའཁོར་ལོཐོག་མམེད། ། དེ་ནིརྟེནཅིངའབྲེལའབྱུང་བའི། ། ཡན་ལགབཅུ་གཉིསགསུམམོ། ། སྔོནདངཕྱི་མགཉིསགཉིསདང་། ། བར་དུབརྒྱདཡོངས་རྫོགསལྡན། ། མ་རིགཉོན་མོངསསྔོནགནས་སྐབས། ། འདུ་བྱེདདགནིསྔོན་ལསཀྱི། ། རྣམ་ཤེསམཚམསསྦྱོརཕུང་པོཡིན། ། མིང་དང་གཟུགསནིདེཕནཆད། ། སྐྱེ་མཆེད་དྲུགདོདཚུནཆདདོ། ། དེ་ནིགསུམའདུསཚུནཆདདོ། ། རེག་པབདེ་སྡུགལ་སོགསཀྱི། ། རྒྱུཤེས་ན་པ་ཚུནཆདདོ། ། ཚོརའཁྲིཚུནཆདསྲེད་པནི། ། ལོངས་སྤྱོདའཁྲི་པ་ཆགསཅནགྱི། ། ཉེ་བརལེན་པལོངས་སྤྱོདརྣམས། ། འཐོབ་པ་བྱ་ཕྱིརཡོངསརྒྱུ་པའི། ། དེ་སྲིདའབྲས་བུའབྱུང་འགྱུར་པའི། ། ལས་བྱེདདེ་ནིསྲིད་པཡིན། ། ཉིང་མཚམས་སྦྱོར་བསྐྱེ་བཡིན། ། ཚོར་བི་བརནིརྒ་ཤིཡིན། ། འདི་ནིགནས་སྐབས་པར་དོདལོ། ། གཙོ་བོི་ཕྱིར་ནཡན་ལགབསྒྲགས། ། སྔོནདངཕྱི་མའ་བརདག། ། རྨོངས་པརྣམ་པརབཟློགཕྱིརརོ། ། ཉོན་མོངསགསུམམོལསགཉིསསོ། ། གཞིབདུནདེ་བཞིནའབྲས་བུཡིན། ། གཉིས་ཀྱི་རྒྱུ་འབྲསམདོར་བསྡུས་པ། ། བར་མི་རྗེས་སུ་དཔག་པལས། ། ཉོན་མོངས་པལསཉོན་མོངསདང་། ། བྱ་བཉིདདོདེ་ལསགཞི། ། དེ་ལསགཞིདངཉོན་མོངསསྐྱེ། ། འདི་ནིསྲིད་པའིཡན་ལགལུགས། ། འདིརནིའབྱུང་བརྒྱུཡིནཏེ། ། བྱུང་བའབྲས་བུཡིན་པའདོད། ། རིག་པི་མི་མཐུནཕྱོགས་ཆོསགཞན། ། མ་རིགམི་མཛའ་རྫུསོགསབཞིན། ། ཀུན་སྦྱོརསོགསཚིགཕྱིརགལ་ཏེ། ། ཤེས་རབངན་པའོ་མིནལྟཕྱིར། ། ལྟ་བདེ་དངམཚུངས་ལྡནཕྱིར། ། ཤེས་རབཉོན་མོངསབསྟནཕྱིརརོ། ། མིངནིགཟུགསཅནམིནཕུང་པོ། ། རེགདྲུགའདུསཏེབྱུང་བཡིན། ། ལྔནིཐོགས་པི་རེག་པཡིན། ། དྲུག་པབླགསཚིགཅེསབྱ། ། རིགདངམ་རིགདངགཞནརེགདྲི་མེདཉོན་མོངས་ཅནལྷག་མ། ། གནོད་སེམསརྗེས་སུཆགས་པི་རེགབདེ་བམྱོངའགྱུརལ་སོགསགསུམ། ། དེ་ལས་བྱུང་བི་ཚོར་བདྲུགལྔནིལུསཀྱིའོ་སེམས་ཀྱིགཞན། ། དེཡིདཉེ་བརརྒྱུ་བལས། ། རྣམ་པདགནིཡངབཅོ་བརྒྱད། ། འདོདཐམས་ཅདརངདམིགསཅན། ། སྤྱོད་ཡུལགཟུགསཅནབཅུ་གཉིསསོ། ། གོང་མགསུམགྱིབསམ་གཏནནི། ། གཉིསབཅུ་གཉིསའདོདའགྲོརྣམས། ། རང་ལདམིགསབརྒྱདགཟུགས་མེད་པ། ། གཉིས་ཀྱིའོ་བསམ་གཏནགཉིསདྲུགདྲུགགིའདོད་པའོ་རངནིབཞིའི། ། གོང་མགཅིགགིདམིགས་པཡིན། ། གཟུགས་མེདཉེ་བརབསྡོགསབཞི། ། གཟུགསའགྲོགོང་མའགྲོ་བགཅིགདངོས་གཞིགཅིགརང་ཡུལཅན། ། བཅོ་བརྒྱདཐམས་ཅདདང་བཅས། ། བཤདདངའཆད་པའགྱུར་བགཞན། ། འདིརནིཉོན་མོངསས་བོནབཞིན། ། ཀླུབཞིནརྩྭབཞིནལྗོནཤིངབཞིན། ། དེ་བཞིན་པ་བཞིན་དུའདོད། ། ལསནིབཅསའབྲསདང་འདྲ། ། དེ་བཞིནསྨནདངམེ་ཏོགབཞིན། །