Shantideva - Bodhicharyavatara - Two Kinds of Bodhichitta
Bodhicharyavatara, I, 15 & 16
༈ བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །
Understand that, briefly stated,
Bodhicitta has two aspects:
The mind aspiring to awaken,
And actual application.
Just as one understands the difference
Between wishing to go and going on a journey,
The wise should understand these two,
Recognizing their difference and their order.