Gampopa - Jewel Ornament Of Liberation  - Part 95


ཡངདཔེར་ནཉི་མདེའིགཟུགས་བརྙནསྣོདདྭངས་པཐམས་ཅད་དུགཅིག་ཅར་འཆར་བལྟརསངས་རྒྱསགདུལ་བྱསྣང་བདག་པཐམས་ཅད་ལགཅིག་ཅར་འཆརརོ། །དེ་ལྟར་ཡང༌། གང་ཕྱིརགདུལ་བྱདག་པཡི། །ཆུཡིསྣོདནིཐམས་ཅད་ལ། །བདེ་གཤེགསཉི་མི་གཟུགས་བརྙནནི། །དཔག་ཏུ་མེད་པགཅིག་ཅར་ཆར། །ཞེས་གསུངས་སོ། །

ཡིད་བཞིན་ནོར་བུཞེས་པནིདཔེར་ནཡིད་བཞིན་གྱི་ནོར་བུརིན་པོ་ཆེརྣམ་རྟོགམེདཀྱང༌། གསོལ་བ་བཏབ་པཅི་དགོསའབད་པམེད་པརའབྱུང་བལྟརསངས་རྒྱསལ་བརྟེན་ནསཉན་ཐོསལ་སོགས་པབསམ་པཐ་དད་པརྣམསཀྱིདོནའགྲུབ་པའོ། །དེ་ལྟར་ཡང༌། ཇི་ལྟརཡིད་བཞིན་ནོར་བུནི། །རྟོག་པམེདཀྱང་ཅིཅརདུ། །སྤྱོད་ཡུལགནས་པརྣམསཀྱིནི། །བསམ་པསོ་སོརརྫོགས་བྱེདལྟར། །དེ་བཞིནསངས་རྒྱསཡིད་བཞིན། །བརྟེན་ནསབསམ་པཐ་དདརྣམས། །སྣ་ཚོགསཆོསནིཐོསགྱུརཀྱང༌། །དེ་ནིདེ་ལརྣམམིརྟོགཅེས་གསུངས་སོ། །དེ་བཞིན་དུསྒྲབརྙནདང༌། ནམ་མཁའདང༌། ས་གསུམགྱིསཀྱངརྣམ་རྟོགམེད་པརའགྲོ་དོནམཛད་པི་དཔེསྟོནཏོ། །

དམ་ཆོསཡིད་བཞིན་གྱི་ནོར་བུཐར་པརིན་པོ་ཆེའི་རྒྱནལསསངས་རྒྱསཀྱིཕྲིན་ལསབསྟན་པི་ལེའུསྟེཉི་ཤུ་རྩ་གཅིག་པའོ།། །།

དམ་ཆོསཡིད་བཞིན་གྱི་ནོར་བུཐར་པརིན་པོ་ཆེའི་རྒྱནཞེས་བྱ་བཐེག་པ་ཆེན་པོི་ལམ་གྱི་རིམ་པབཤད་པའདི་ནིྡེ་སྐྱབསཀྱིསབསྐུལ་བའི་ངོརལྷ་རྗེབསོད་ནམསརིན་ཆེནགྱིསབཀོད་པརྫོགསསོ། །ཡི་གེ་པ་ཡངསྐྱབསཀྱིསབགྱིས་པའོ། །

དམ་ཆོསཡིད་བཞིན་ནོར་བུལྟ་བུཡི། །

རྟོགམེདའགྲོ་བའི་དོནའབྱུང་བ། །

ཁྱོདཉིདབྲིས་པི་བསོད་ནམསཀྱིས། །

འགྲོ་ཀུནབྱང་ཆུབ་མཆོགཐོབཤོག

ཚིགས་སུ་བཅད་པའདིསྡེདགེི་ར་ར་ི་འཇུགབྱངལྟར་བར་བུགས་པབྲིསསོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།