Gampopa - Jewel Ornament Of Liberation  - Part 85


དྲུག་པི་མིངགིཁྱད་པརནིམངོན་དུ་གྱུར་པའོ། །ངེསཚིགགིཁྱད་པརནིདེཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པལ་བརྟེན་ནསའཁོར་འདསགཉིསམི་གནས་པི་ཕྱིརའཁོར་བདངམྱ་ངན་ལས་འདས་པདགམངོན་དུ་གྱུར་པམངོན་དུ་གྱུར་པཞེས་བྱ་བའོ། །དེ་ལྟར་ཡང༌། ཤེས་རབ་ཕ་རོལ་ཕྱིནབརྟེན་ནས། །འཁོར་བདངནིམྱ་ངན་འདས། །གཉིསའདིམངོན་དུ་གྱུར་པི་ཕྱིར། །མངོན་དུ་གྱུར་པི་ཞེསབཤད། །ཅེས་གསུངས་སོ། །ཡོངས་སུསྦྱོང་བི་ཁྱད་པརནིསྦྱིན་པལ་སོགསཆོས་དྲུགཡོངས་སུ་རྫོགས་པ་བྱ་ལ་བ་པ་དང༌། ཉན་རངའདོད་པལ་སོགསཆོས་དྲུགསྤང་བལ་བ་པ་སྟེདེ་ལྟརབཅུ་གཉིསཀྱིསདེཐོབ་པཡིན་ནོ། །དེ་ལྟར་ཡང༌། སྦྱིནདངཚུལ་ཁྲིམསབཟོདབརྩོན་འགྲུས། །བསམ་གཏནཤེས་རབརབ་རྫོགསཔས། །ཞེས་པལ་སོགས་པགསུངསསོ། །ཉམས་སུ་བླངབྱི་ཁྱད་པརནིའདི་ལགནས་པི་བྱང་ཆུབ་སེམས་དཔའདེསསྤྱིརཕ་རོལ་ཏུ་ཕྱིན་པབཅུཉམས་སུ་ལེནཡང༌། ཁྱད་པརདུཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཆེསཤསཆེ་བགསུངསསོ། །རྣམ་པར་དག་པི་ཁྱད་པརནིསྔརབཤད་པ་ལར་ྒྱུགསུམ་པོདེསདེའིདགེ་བའི་རྩ་བརྣམ་པར་དག་པའགྱུར་ཏེཇི་སྐདདུདཔེར་ནགསེརས་ལེ་སྦདེ་ཉིདགསེརམགརམཁས་པརིན་པོ་ཆེཻ་ཌཱུརྻྤྲམཚུངས་པམེད་པི་ཕྱིར། །དེམ་ཡིན་པི་གསེརཐམས་ཅདཀྱིསམིའཕྲོག་པཡིན་ནོ། །དེ་བཞིན་དུདྲུག་པལ་གནས་པའི་ྱང་ཆུབ་སེམས་དཔའདེའིདགེ་བའི་རྩ་བཡངཐབས་དང་ཤེས་རབཀྱིསདཔྱད་པརྣམ་པར་དགཅིངའོད་གསལཏེདེམ་ཡིན་པི་འོག་མལ་གནས་པའི་ྱང་ཆུབ་སེམས་དཔམིའཕྲོག་པཡིན་ནོ། །ཞེས་གསུངས་སོ། །རྟོགས་པི་ཁྱད་པརནིའདི་ལགནས་པདེསཀུན་ནས་ཉོན་མོངས་པདང༌། རྣམ་པར་དག་པམ་ཡིན་པི་དོན་དུརྟོགསཏེརྟེནཅིངའབྲེལ་བའབྱུང་བགངཀུན་ནས་ཉོན་མོངས་པགངརྣམ་པར་དག་པའགྱུར་བི་ཆོསགང་ཡང་མེད་པར་ེསསོ། །དེ་ལྟར་ཡང༌། ཉོན་མོངསརྣམ་དགམིནདོནདང༌། །ཞེས་གསུངས་སོ། །སྐྱེ་བི་ཁྱད་པརནིའདི་ལགནས་པི་བྱང་ཆུབ་སེམས་དཔའདེཕལ་ཆེརལྷི་རྒྱལ་པོརབའཕྲུལདགསྐྱེ་བར་འགྱུརཏེསེམས་ཅན་རྣམསཀྱིམངོན་པི་ང་རྒྱལབཟློག་པམཁསསོ། །དེ་ལྟར་ཡང༌། དེཡིརྣམ་པར་སྨིན་པནི། །ལྷ་ཡིརྒྱལ་པོརབའཕྲུལདགའ། །ཉན་ཐོསརྣམསཀྱིསམིའཕྲོག་པ། །ལྷག་པི་ང་རྒྱལ་ཅནཞི་བྱེད། །ཅེས་གསུངས་སོ། །མཐིུ་ཁྱད་པརནིསྐད་ཅིགཐངཅིགཡུད་ཙམ་ཞིགཏིང་ངེ་འཛིནབྱེ་བཕྲགའབུམཐོབ་པལ་སོགས་པསྦྱརརོ། །

བདུན་པི་མིངགིཁྱད་པརནིརིང་དུ་སོང་བའོ། །ངེསཚིགགིཁྱད་པརནིདེབགྲོད་པ་གཅིག་པའི་ལམདངའབྲེལ་བི་ཕྱིརརིང་དུ་སོང་བཡིནཏེསྦྱོང་བི་མཐརསོང་བི་ཕྱིརརོ། །དེ་ལྟར་ཡང༌། བགྲོདགཅིགལམདངའབྲེལ་བི་ཕྱིར། །རིང་དུ་སོང་བི་སརའདོདདོ། །ཞེས་གསུངས་སོ། །ཡོངས་སུསྦྱོང་བི་ཁྱད་པརནིབདག་ཏུ་འཛིན་པལ་སོགསཉི་ཤུསྤངས་ནསདེ་ལསབཟློག་པི་ཆོསརྣམ་ཐར་སྒོ་གསུམཤེས་པལ་སོགས་པཉི་ཤུབརྟེན་པདེཐོབ་པཡིན་ནོ། །དེ་ལྟར་ཡང༌། བདགདངསེམས་ཅནའཛིན་པདང༌། །ཞེས་པདང༌། རྣམ་ཐར་སྒོ་གསུམཤེས་པདང༌། །ཞེས་པལ་སོགས་པགསུངསསོ། །ཉམས་སུ་བླངབྱི་ཁྱད་པརནིའདི་ལགནས་པི་བྱང་ཆུབ་སེམས་དཔའདེསསྤྱིརཕ་རོལ་ཏུ་ཕྱིན་པབཅུཉམས་སུ་ལེནཡང༌། ཁྱད་པརདུཐབསཀྱིཕ་རོལ་ཏུ་ཕྱིན་པཆེསཤསཆེ་བགསུངསསོ། །རྣམ་པར་དག་པི་ཁྱད་པརནིསྔརབཤད་པ་ལར་ྒྱུགསུམ་པོདེསདེའིདགེ་བའི་རྩ་བརྒྱ་ཆེརརྣམ་པར་དག་པའགྱུར་ཏེཇི་སྐདདུདཔེར་ནགསེརས་ལེ་སྦདེ་ཉིདགསེརམགརམཁས་པནོར་བུརིན་པོ་ཆེཐམས་ཅདཀྱིསྤྲཤིན་ཏུ་མཛེསཏེདེམ་ཡིན་པའཛམ་བུ་གླིང་པའི་ྒྱནཐམས་ཅདཀྱིམིའཕྲོག་པཡིན་ནོ། །དེ་བཞིན་དུབདུན་པལ་གནས་པའི་ྱང་ཆུབ་སེམས་དཔའདེའིདགེ་བའི་རྩ་བཡངཆེསརྣམ་པར་དག་པཉན་རངདངདེམ་ཡིན་པི་ས་ལགནས་པི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བརྣམསཀྱིསམིའཕྲོག་པཡིན་ནོ། །ཞེས་གསུངས་སོ། །རྟོགས་པི་ཁྱད་པརནིའདི་ལགནས་པི་བྱང་ཆུབ་སེམས་དཔའདེསཐ་དདདུ་མེད་པི་དོནརྟོགསཏེམདོལ་སོགས་པི་ཆོསཀྱིམཚན་མཐ་དདམི་འབྱུངངོ༌། །དེ་ལྟར་ཡང༌། ཐ་དདམེད་པི་དོནཉིདདང༌། །ཞེས་གསུངས་སོ། །སྐྱེ་བི་ཁྱད་པརནིའདི་ལགནས་པི་བྱང་ཆུབ་སེམས་དཔའདེཕལ་ཆེརལྷི་རྒྱལ་པོདབངསྒྱུརདུའགྱུར་ཏེཉན་རངགིམངོན་པརརྟོགས་པབསྒྲུབ་པམཁསསོ། །དེ་ལྟར་ཡང༌། དེཡིརྣམ་པར་སྨིན་པནི། །དབངསྒྱུརལྷ་ཡིརྒྱལ་པོའགྱུར། །འཕགས་པི་བདེན་པ་མངོན་རྟོགས་པའི། །སློབ་དཔོནཁྱུ་མཆོགཆེན་པོའགྱུར། །ཞེས་གསུངས་སོ། །མཐིུ་ཁྱད་པརནིསྐད་ཅིགཐངཅིགཡུད་ཙམ་ཞིགཏིང་ངེ་འཛིནབྱེ་བཁྲགཁྲིའབུམ་ཕྲགཐོབ་པལ་སོགས་པསྦྱརརོ། །