Gampopa - Jewel Ornament Of Liberation  - Part 78


ལམཕ་རོལ་ཏུ་ཕྱིན་པ་དྲུགཀྱངའདི་ཉིདཚངསྟེརྡོ་རྗེཏིང་ངེ་འཛིནགྱིམདོལསསྟོང་པ་ཉིདལསམ་གཡོས། །ཕ་རོལ་ཕྱིན་པ་དྲུགའདུསསོ། །ཞེས་གསུངས་སོ། །ཚངས་པཁྱད་པརསེམས་ཀྱིཞུས་པི་མདོལས་ཀྱང༌། མི་བསམ་པ་ནིསྦྱིན་པའོ། །ཐ་དདམི་གནས་པནིཚུལ་ཁྲིམསསོ། །བྱེ་བྲགམི་འབྱེད་པ་ནིབཟོད་པའོ། །བླང་དོརམེད་པནིབརྩོན་འགྲུསསོ། །མ་ཆགས་པནིབསམ་གཏནནོ། །མི་རྟོག་པནིཤེས་རབོ། །ཞེས་གསུངས་སོ། །ི་སྙིང་པོི་མདོལས་ཀྱང༌། མཁས་པསྟོང་ཉིདཆོསབསྒོམ་པནིའཇིག་རྟེནཀུན་ལམིབརྟེནམི་གནསསྲིད་པཀུན་ལགནས་པམ་ཡིན་པར། རྣམ་པར་དག་པི་ཚུལ་ཁྲིམསབསྲུངངོ༌། །ཞེས་གསུངས་སོ། །ཡངདེ་ཉིདལསཆོས་ཐམས་ཅདརོགཅིགམཐུན་པསྟོང་པམཚན་མ་མེད་པི་ཞི་བི་སེམསནིཅིལའངམི་གནསམིཆགསབཟོད་པི་དེ་ནིཕན་ཡོནཆེ་བའགྱུརརོ། །མཁས་པབརྩོན་འགྲུསབརྩམས་པ་དགནིཆགས་པཐམས་ཅདརིང་དུསྤངས་པསྟེསེམསནིཅིལའངམི་གནསམིཆགསཡང་དགབསོད་ནམསཞིངཞེསདེ་ལབྱསེམས་ཅན་ཀུནཕནདང་བབའིཕྱིརཏིང་འཛིནབསྒོམཞིངཁུརལྕིཡངལྟསྟེཀུན་ནས་ཉོན་མོངསཐམས་ཅདསེལ་བདེ་ནིཡང་དགམཁས་པི་མཚན་ཉིདཅེས་གསུངས་སོ། །ཕྱག་འཚལ་བཡངའདི་ཉིདཡིནཏེནམ་མཁའརིན་པོ་ཆེི་མདོལསཅི་ལྟརཆུཆུབཞགདང༌། །ཅི་ལྟརམརམརབཞགལྟར། །རང་གིསརང་རིགཡེ་ཤེསའདི། །ལེགསམཐོངགང་ཡིནའདིརཕྱགཡིན། །ཞེས་གསུངས་སོ། །ཡངའདི་ཉིདཡོད་ནམཆོད་པཡངཡིནཏེཡབ་སྲསམཇལབའིམདོལསསྟོང་ཉིདཆོསརྟེནབགྱིདཅིང༌། །སངས་རྒྱསསྤྱོད་ཡུལགངམོས་པ། །དེ་དགསྟོན་པམཆོད་པདེ། །མཆོད་པདེ་ནིབླ་ན་མེད། །ཅེས་གསུངས་སོ། །བདུད་རྩིགསང་བི་རྒྱུདལསམཉེས་པ་དོནགྱིམཆོད་པསྟེ། །སྤོསསོགསཕུལ་བམཉེས་པ་མེད། །རང་སེམསལསསུརུང་བདགམཉེས་པའི་ཆོད་པ་ཆེན་པོའོ། །ཞེས་གསུངས་སོ། །ཡངའདི་ཉིདདང་ལྡནསྡིག་པབཤགས་པཡངའདིརངཡིནཏེལསརྣམ་པར་དག་པི་མདོལསགང་ཞིགབཤགས་པའདོདབྱེདཅིང༌། །དྲང་པོའདུགལ་ཡངདགལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །འདི་ནིའགྱོདཚངསམཆོགཡིན་ནོ། །ཞེས་གསུངས་སོ། །ཡངདོནའདི་ཉིདཚུལ་ཁྲིམསདམ་ཚིགབསྲུང་བཡངཚངསྟེལྷི་བུཞུས་པི་མདོལསགང་ལསྡོམ་པསྡོམ་པམ་ཡིན་པི་རློསེམས་མེད་པ་དེ་ནིམྱ་ངན་ལས་འདས་པི་ཚུལ་ཁྲིམསཡིནཏེཚུལ་ཁྲིམསརྣམ་པར་དག་པཡིན་ནོ། །ཞེས་གསུངས་སོ། །འཁོར་ལོབཅུ་པི་མདོལས་ཀྱང༌། ཁྱིམགནསཤིངསྐྲདངསྤུཡངབྲེགསཆོསགོསཀྱངགོཚུལ་ཁྲིམསཀྱངམནོམོདཀྱང༌། འཕགས་པི་ཆོས་ཉིདདང་ལྡན་པདེ་ཉིདདོན་དམ་པི་དགེ་སློངཞེས་བྱའོ། །ཞེས་གསུངས་སོ། །ཡངདོནདེ་ཉིདཐོས་པདང༌། བསམ་པདང༌། བསྒོམ་པགསུམཡངཚངསྟེརབ་ཏུ་མི་གནས་པི་རྒྱུདལསམ་བཅོསརྣལ་མི་ཟསགཅིགགྱུར་ན། །གྲུབ་མཐའམ་ལུསཀུན་ཀྱངཚིམ་པའགྱུར། །བྱིས་པརྟོགསཐ་སྙདཚིགལ་བརྟེན། །ཐམས་ཅདརང་གི་སེམསཀྱིམཚན་ཉིདཡིན། །ཞེས་གསུངས་སོ། །ར་ཧ་པསཀྱང༌། ཀློག་པདེཡིནའཛིནདང་བྒོམ་པདེཡིནཏེ། །བསྟནཆོསསྙིང་ལའཆད་པདེཡིན་ནོ། །དེ་ལམཚོན་པི་ལྟ་བཡོད་མིནཏེ། །ཞེས་གསུངས་སོ། །ཡངདོནདེ་ཉིདགཏོར་མཆོས་སྤྱོདཀྱངཡིནཏེགསང་བབདུད་རྩིརྒྱལ་པོི་རྒྱུདལསམཆོདདངགཏོར་མལ་སོགས་པ། །ལསདང་བྱ་སྣ་ཚོགསཀུན། །སེམས་ཀྱིདེ་ཉིདརྙེདགྱུར་པ། །ཐམས་ཅདའདིཡིསསྡུད་པངེས། །ཞེས་གསུངས་སོ། །

འོ་ནངོ་བོསེམས་ཉིདགཅིག་པུརབསྒོམ་པདེ་དག་ཐམས་ཅདའདུསཐབསཀྱིརིམ་པམང་དུགསུངས་པདགའབྱུང་བཅི་ལྟརཡིནཞེ་ནགནས་ལུགསརྨོངས་པི་སྐལ་པདམན་པརྣམསའཁྲིད་པི་ཕྱིརཏེཡེ་ཤེས་སྣང་བརྒྱནགྱིམདོལསརྒྱུ་རྐྱེནའབྲེལ་པ་བ་པ་དང༌། །རིམ་པརའཇུག་པབསྟན་པཡང༌། །རྨོངས་པརྣམསཐབསསུགསུངས། །ལྷུན་གྱིས་གྲུབ་པི་ཆོསའདི་ལ། །རིམ་གྱིསསྦྱོང་བཅི་ཞིགཡོད། །ཅེས་གསུངས་སོ། །བདེ་མཆོགསྡོམ་པའབྱུང་བལས་ཀྱང༌། འདི་ལྟརབདག་ཉིདམཁའམཚུངསལྟར། །རྟག་ཏུགྲོལ་བི་བདག་ཉིདཐོབ། །ཅེས་གསུངས་སོ། །ནམ་མཁའརིན་པོ་ཆེི་མདོལས་ཀྱང༌། ཆོས་ཀྱི་དབྱིངསཀྱིརྒྱ་མཚོཞུགསཀྱིབརདངལམཐ་དདམོདཀྱིཆོས་ཀྱི་དབྱིངསཀྱིརྒྱ་མཚོཕྱིནནསདངལམཅུང་ཟདཀྱངབགྲོདདུ་མདོ། །ཞེས་གསུངས་སོ། །ཇོ་བོཀྱང༌། གཅིག་ཏུམཉམ་བཞགསེམསབརྟན། །ལུསངགདགེ་བགཙོམི་བྱ། །ཞེས་གསུངས་སོ། །

ཤེས་རབགོམས་པི་རྟགསནིདགེ་བལ་བཡོད་པའགྱུརཉོན་མོངས་པཤསཆུང་བའགྱུརསེམས་ཅནསྙིང་རྗེསྐྱེ་བར་འགྱུརསྒྲུབ་པནན་ཏནབྱེད་པའགྱུརགཡེང་བཐམས་ཅདསྤང་བའགྱུརཚེ་འདི་ལམ་ཆགསཤིངཞེན་པམེད་པརའགྱུརརོ། །དེ་ལྟར་ཡངརིན་ཆེན་ཕྲེང་བལསསྟོང་པ་ཉིདགོམས་པཡིས། །དགེ་བདགལ་བཡོདཐོབ། །ཅེས་པལ་སོགས་པགསུངསསོ། །

ཤེས་རབཀྱིའབྲས་བུནིམཐར་ཐུགདང༌། གནས་སྐབསགཉིས་སུཤེས་པར་བྱའོ། །དེ་ལམཐར་ཐུགནིབླ་ན་མེད་པི་བྱང་ཆུབཐོབསྟེདེ་ལྟར་ཡངཤེས་རབབདུནབརྒྱ་པ་ལསའཇམ་དཔལཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པསྤྱདབྱང་ཆུབ་སེམས་དཔའཆེན་པོམྱུར་དུབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབཏུམངོན་པར་རྫོགས་པའཚང་རྒྱབརའགྱུརརོ། །ཞེས་གསུངས་སོ། །

གནས་སྐབསསུནིབདེ་ལེགསཐམས་ཅདའབྱུངསྟེཇི་སྐདདུའཕགས་པསྡུད་པལསསངས་རྒྱས་སྲསདངཉན་ཐོསརང་རྒྱལལྷ་རྣམསདང༌། །འགྲོ་བ་ཀུནགྱིབདེསྐྱིདཆོས་རྣམསཅིསྙེད་པ། །དེཀུན་ཤེསརབཕ་རོལ་ཕྱིན་པ་མཆོགལས་བྱུང༌། །ཞེས་གསུངས་སོ། །

དམ་ཆོསཡིད་བཞིན་གྱི་ནོར་བུཐར་པརིན་པོ་ཆེའི་རྒྱནལསཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པི་ལེའུསྟེབཅུ་བདུན་པའོ།། །།