Gampopa - Jewel Ornament Of Liberation  - Part 64


དེ་ལསལྡོགསྟེབསམ་གཏནདང་ལྡནདངོས་པོདམན་པཞེན་པའདོརམངོན་པར་ཤེས་པའབྱུང༌། ཏིང་ངེ་འཛིནགྱིསྒོམང་པོརྒྱུདསྐྱེ་བའོ། །དེ་ལྟར་ཡངའཕགས་པསྡུད་པལསབསམ་གཏནགྱིསནིའདོད་པའི་ཡོན་ཏནསྨད་པའདོར། །རིགསདངམངོན་པརཤེསདངཏིང་འཛིནམངོན་པརའགྲུབ། །ཅེས་གསུངས་སོ། །ཡངབསམ་གཏནདང་ལྡནདེསཤེས་རབབསྐྱེད་ནསརང་གིཉོན་མོངས་པཐམས་ཅདའཇོམས་པཡིན་ནོ། །དེ་ལྟརསྤྱོད་འཇུགལསཞི་གནསརབ་ཏུ་ལྡན་པི་ལྷག་མཐོངགིས། །ཉོན་མོངསརྣམ་པར་འཇོམས་པཤེས་བྱནས། །ཞེས་གསུངས་སོ། །ཡངབསམ་གཏནདང་ལྡནན་ཡངདག་པི་དོནམཐོངཞིངསེམས་ཅནསྙིང་རྗེསྐྱེའོ། །དེ་ལྟརཆོསཡང་དག་པརསྡུད་པི་མདོལསཡིདམཉམ་པར་བཞག་པཡང་དག་པཇི་ལྟ་བབཞིནམཐོང་བའགྱུརརོ། །ཡང་དག་པཇི་ལྟ་བབཞིནམཐོང་བབྱང་ཆུབ་སེམས་དཔའསེམས་ཅན་རྣམསསྙིང་རྗེ་ཆེན་པོའཇུགགོཞེས་གསུངས་སོ། །ཡངབསམ་གཏནདང་ལྡནགདུལ་བྱཐམས་ཅདབྱང་ཆུབའགོདནུས་པཡིན་ནོ། །དེ་ལྟར་ཡངམདོ་སྡེ་རྒྱནལསབསམ་གཏནདེ་ཉིདཀྱིསཀྱངསྐྱེ་བོཐམས་ཅདབྱང་ཆུབགསུམའགོདཅེས་གསུངས་སོ། །

བསམ་གཏནགྱིངོ་བོནིཞི་གནསཀྱིརང་བཞིནསེམསནང་དུདགེ་བརྩེ་གཅིགཏུགནས་པའོ། །དེ་ལྟར་ཡངབྱངི་བསམ་གཏནགྱིངོ་བོ་ཉིདབསྟན་པི་སྐབས་ནསསེམསརྩེ་གཅིག་པ་དགེ་བསེམས་གནས་པ། ཞེས་གསུངས་སོ། །

དེ་ལྟ་བིུ་བསམ་གཏནདེ་ཡངམི་མཐུན་པའི་ྱོགསརྣམ་པརགཡེང་བསྤངས་པལསཐོབ་པཡིན་པདང་པོརྣམ་པརགཡེང་བསྤང་བར་བྱའོ། །དེ་ཡངརྣམ་པརགཡེང་བསྤང་བནིདབེན་པསྟེལུསའདུ་འཛིལསདབེན་པདང༌། སེམསརྣམ་པར་རྟོག་པལསདབེན་པརབྱའོ། །དེ་ལྟར་ཡངསྤྱོད་འཇུགལསལུསདངསེམསནིདབེན་པཡིས། །རྣམ་པརགཡེང་བམི་འབྱུངསྟེ། །ཞེས་གསུངས་སོ། །དེ་ལདང་པོ་ལའདུ་འཛིལསརྣམ་པརདབེན་པརབྱ་བདོནདྲུགགིསཤེས་པར་བྱསྟེའདུ་འཛིི་མཚན་ཉིདདང༌། འདུ་འཛིི་རྒྱུདང༌། འདུ་འཛིི་ཉེས་པདང༌། དབེན་པི་མཚན་ཉིདདང༌། དབེན་པི་རྒྱུདང༌། དབེན་པི་ཡོན་ཏནནོ། །དེ་ལའདུ་འཛིི་མཚན་ཉིདནིབདགབུ་དང་ཆུང་མདངའཁོརདངལོངས་སྤྱོདདངལྷན་ཅིག་ཏུགཡེངས་པའོ། །འདུ་འཛིི་རྒྱུནིཆགས་པསྟེབུསྨདདངགཡོའཁོརལ་སོགས་པསེམས་ཅནཆགས་པདང༌། ཟསནོརལ་སོགས་པརྙེད་པཆགས་པདང༌། བསྟོད་པལ་སོགས་པསྙན་གྲགསཆགས་པའདུ་འཛིམིསྤོང་བཡིན་ནོ། །དེ་ལྟར་ཡང༌། ཆགས་པི་ཕྱིརདངརྙེདསོགས། །སྲེད་པའཇིག་རྟེནམིསྤོངསཏེ། །ཞེས་གསུངས་སོ། །འདུ་འཛིི་ཉེས་པནིསྤྱིདང་བྱེ་བྲགགཉིས་སུཤེས་པར་བྱའོ། །དེ་ལསྤྱིི་དབང་དུ་བྱས་ནལྷག་པའི་བསམ་པབསྐུལ་བི་མདོལསབྱམས་པའདུ་འཛིི་ཉེས་དམིགསཉི་ཤུ་པོ་འདི་དགཡིནཏེཉི་ཤུགང་ཞེ་ནལུསཀྱིསབསྡམས་པཡིནངགགིསབསྡམས་པཡིནཡིདཀྱིསབསྡམས་པཡིནཉོན་མོངས་པཆེ་བཡིནའཇིག་རྟེན་པའི་ཏམགྱིསཀྱངགོས་པཡིནབདུདཀྱིསགསརྙེད་པཡིནབགམེད་པལ་བརྟེན་པ་ཡིནཞི་གནས་དང་ལྷག་མཐོངམིཐོབ་པཡིནཞེས་པལ་སོགས་པགསུངསསོ། །བྱེ་བྲགགིདབང་དུ་བྱས་ནསེམས་ཅནཆགས་པི་ཉེས་པནིབྱང་ཆུབམིཐོབོ། །དེ་ལྟར་ཡང༌། ཟླ་བསྒྲོན་མེི་མདོལསའདོད་པདགནིརབ་ཏུབསྟེན་བྱཅིང༌། །བུ་དང་ཆུང་མདགསྲེདབསྐྱེད་ནས། །སྨད་པ་བྱ་བའིཁྱིམལ་བརྟེན་པ་དེས། །ནམ་ཡངབླ་མེད་བྱང་ཆུབམཆོགམིཐོབ། །ཅེས་གསུངས་སོ། །སྤྱོད་འཇུགལས་ཀྱང༌། སེམས་ཅནཉིདཆགསབྱས་ན། །ཡང་དག་ཉིད་ལཀུན་ནསབསྒྲིབས། །ཞེས་གསུངས་སོ། །དེས་ནདེ་ལཆགས་པསྤང་བར་བྱསྟེཇི་སྐདདུདེསཀྱངབདག་དོནམི་བྱ། །བདགཀྱངདེདོནམི་འགྱུར་བ། །བྱིསལསཐགརིང་བྱོལ་བ་བྱ། །ཞེས་གསུངས་སོ། །དེ་དགསྤངས་པི་ཕན་ཡོནཡང༌། ཟླ་བསྒྲོན་མེི་མདོལསབུ་དང་ཆུང་མདགསྲེདསྤངས་ནས། །ཁྱིམགྱིསསྐྲག་སྟེཁྱིམལསམངོནབྱུང་བ། །དེ་དགབྱང་ཆུབ་མཆོགནིརྙེདམིདཀའ། །ཞེས་གསུངས་སོ། །